༺ ལོ་རྟ་ལྟེ་གནས་སློབ་ཆུང་གི་དྲ་བར་ཕེབས་པར་དགའ་བསུ་ཞུ ༻ དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 20 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།   
སྣ་འཛོམས།
གསར་འགྱུར།
སློབ་གསོ།
རྩོམ་རིགས།
   གཙོ་ངོས།» སྣ་འཛོམས།» སློབ་གསོའི་གླེང་སྟེགས། »ཁྱིམ་མིས་རྟག་པར་བྱིས་པའི་འགན་ཁུར་གྱི་བསམ་བློ་གཞོམ་བཞིན་ཡོད།
སློབ་གསོའི་གླེང་སྟེགས།

  ཁྱིམ་མིས་རྟག་པར་བྱིས་པའི་འགན་ཁུར་གྱི་བསམ་བློ་གཞོམ་བཞིན་ཡོད།
  ཐེ་ཝན་གྱི་སློབ་གཙོ་ཞིག་གི་གཏམ་བཤད།
  སྐད་ཡིག་ཅིག་གི་དར་རྒུད་ནི་ཐད་ཀར་མི་རིགས་དེའི་དར་རྒུད་དང་འབྲེལ་བ་དམ་པོ་ཡོད།
  བོད་སྐད་ཡིག་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ཐོལ་བུ།

སྣ་འཛོམས།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས།
མེ་ཏོག་སེར་ཆེན།
རྩོམ་རིག་དགའ་ཚལ།
སློབ་རའི་གསར་འགྱུར།
སློབ་ཁྲིད་རྒྱུ་ཆ།
སློབ་གསོའི་གླེང་སྟེགས།
བྱིས་པའི་འཇུག་ངོགས།
བརྩམས་ཆོས་གསར་བ།
  ༢༠༡༢༡༠༡༥པར་ངོས་ཁ
  ༢༠༡༢༡༠༡༥པར་ངོས་ཀ
  ༢༠༡༢༠༩༡༥པར་ངོས་ཁ
  ༢༠༡༢༠༩༡༥པར་ངོས་ཀ
  ༢༠༡༢༠༦༡༥པར་ངོས་ཁ
  ༢༠༡༢༠༦༡༥པར་ངོས་ཀ
  ནམ་མཁའི་སྐར་མ།
  ཐུན་སྒྲིལ་གྱི་རང་སྒྲ།
  གསོན་ཉམས་ལྡན་པའི་ཕ་ཡུལ།
  རྨི་ལམ་ནང་གི་ཡུམ་ཆེན།
  དྲིན་ཆེན་མ་ལོ༼གླུ་ཚིག༽
  བློ་གྲོས་ཀྱིས་བཏུལ་བ།
  རི་བོང་ཅལ་འདྲོགས།
  རུས་སྦལ་ས་ལ་ལྷུང་བ།
ཁྱིམ་མིས་རྟག་པར་བྱིས་པའི་འགན་ཁུར་གྱི་བསམ་བློ་གཞོམ་བཞིན་ཡོད།
རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-11-05 བལྟ་ཀློག (468)

ཁྱིམ་མིས་རྟག་པར་བྱིས་པའི་འགན་ཁུར་གྱི་བསམ་བློ་གཞོམ་བཞིན་ཡོད།

     དུས་རབས་ཉི་ཤི་བའི་ལོ་རབས་ཉི་ཤི་དང་སུམ་བཅུ་ཡས་མས་སུ་མཁས་དབང་ཞིག་གིས་རང་ཁྱིམ་ནས་འདི་ལྟའི་ཚོད་ལྟ་ཞིག་སྤེལ་བ་རེད།ཁོང་གིས་དཔེ་གཟིགས་ཁང་གི་སྒོ་ཐེམ་སྟེང་དུ་བྱ་སྒྲོའི་ཕྱགས་མ་ཞིག་བཞག་སྟེ་རིམ་བཞིན་བུ་དང་བུ་མོ་རྣམས་བོས་ནས་དཔེ་གཟིགས་ཁང་དུ་འགྲོ་རུ་བཅུ  འོན་ཀྱང་བྱ་སྒྲོའི་ཕྱགས་མ་བགོམ་ནས་དཔེ་གཟིགས་ཁང་དུ་འགྲོ་བ་ལས་དེ་ཡར་ལེན་མཁན་གཅིག་ཀྱང་མ་བྱུང་།མཇུག་མཐར་ཁོང་གིས་ལྕ་མོར་བོས་ཏེ་དཔེ

གཟིགས་་ཁང་དུ་མངགས་པ་ན་ལྕམ་མོས་མགོ་སྒུར་སྒུར་ངང་བྱ་སྒྲོའི་ ཕྱགས་མ་དེ་བླངས་ནས་དཔེ་གཟིགས་ཁང་དུ་འཛུལ་སོང་།སྐབས་དེར་ཁོང་གིས་བུ་ཕྲུག་ཚོ། ཁྱོད་ཚོས་ཅིས་ཕྱིར་བྱ་སྒྲོའི་ཕྱགས་མ་དེ་མ་མཐོང་རེད། ཨ་མས་ཅིས་ཕྱིར་ཕྱགས་མ་དེ་མཐོང་ཐུབ་པ་རེད་ཅེས་དྲིས།

མཁས་དབང་དེར་མཇུག་མཐའི་ཕྱོགས་སྡོམས་ཅི་འདྲ་ཞིག་ཐོབ་ཡོད་པར་བགྲོས་གླེང་མ་བྱས་ཀྱང་ཧ་གོ་སླ་བོ་རེད།འོན་ཀྱང་གཏམ་རྒྱུད་འདི་ལས་མཐོང་ཐུབ་པ་ནི་བྱིས་པ་དེ་ཚོར་མིག་མ་ཡོད་པ་མིན་ལ་འགན་ཁུར་གྱི་བསམ་བློ་མ་ཡོད་པས་རེད། དེར་བརྟེན་བྱིས་པའི་འགན་ཁུར་གྱི་བསམ་བློ་ནི་ལྷན་སྐྱེས་ནས་ཡོད་པ་ཞིག་མ་ཡིན་པར་རྗེས་ཐོབ་ཀྱི་གསོ་སྐྱོངས་ལ་རགས་ལས་པ་ར་སྤྲོད་བྱས་ཡོད་པ་རེད།

བྱིད་པའི་འགན་ཁུར་གྱི་བསམ་བློར་གནད་དོན་ཡོད་པ་ནི་དུས་རྒྱུན་གྱི་ཁྱིམ་མིས་སྐྱོངས་སྟངས་ལས་བྱུང་བ་ཡིན། དཔེར་ན་བྱིས་པ་སློབ་གྲྭར་འབྱོར་རྗེས་འབྲི་དེབ་དང་སྨྱུ་གུ་སོགས་ཅི་ཡང་བཟུང་མེད་པའི་སྐབས་སུ་རྒྱུན་པར་ཁྱིམ་མི་རྒན་རྒོན་རེ་དེ་རུ་དབུགས་ཧལ་ཧལ་གྱིས་ཐོན་ནས་དགེ་རྒན་ལ་ངས་བརྗེད་སོང་བ་རེད་།ངའི་ཚ་བུ་མ་འགྲིག་པ་མིན་་ང་མ་འགྲིག་པ་རེད་ཅེས་ཅི་ནུས་ཀྱིས་བྱིས་པ་འགེབ་སྲུང་བྱེད་པ་རེད། འདིལས་མཐོང་ཐུབ་པ་ཞིག་ལ་ཁྱིམ་མིས་རྒྱུན་པར་འདིར་ལྟ་བགྱིས་ཚེ་བྱིས་པར་རང་འགན་ཁུར་བའི་བསམ་བློ་ཞིག་ཇི་ལྟ་བྱ་སྟེ་འབྱུང་ནུས་མི་ནུས་སོ།

ཀྲུང་གོའི་ཕ་མ་བྱིས་པ་འགན་ཁུར་ལས་གཡོལ་དུ་འཇུག་པའི་སྲོལ་རྒྱུན་ཞིག་ཡོད་སྟེ། དཔེར་ན་བྱིས་པ་ས་ལ་ལོག་པའི་སྐབས་སུ་ཁྱིམ་མི་ཚོས་ས་འདི་ངོ་མ་སྙིང་ལངས་ས་ཞིག་རེད།་སྡོང་བོ་འདི་ངོ་མ་མི་དགའ་ས་ཞིག་རེད།  ངའི་གཅེས་ཕྲུག་ཐང་ལ་འགྲུལ་དུ་བཅུག་སོང་ཞེས་བྱི་པ་མི་ངུ་ར་ཐབས་ཤེས་འཐེན་པ་རེད།  དོན་དངོས་སུ་ས་དང་སྡོང་བོ་ལ་ཅི་ཞིག་གི་ནག་ཉེས་ཡོད་པ་རེད། ང་ཚོའི་ཕ་མ་ཚོར་བྱིས་པའི་ཚབ་ཏུ་ཡོད་ཚད་འགེབ་སྲུང་བྱེད་པ་དང་འགན་དབང་འཁུར་བ།ལས་འགན་གཙང་ལེན་གྱི་གོམས་གཤིས་ཤིག་ཡོད་པས་དེ་ལྟར་བྱེད་པ་རེད།དེར་བརྟེན་ཀྲུང་གོའི་བྱིས་པས་དོན་རྐྱེན་བཟོས་པའི་རྣམ་པ་ལ་ལྟོས་དང་། བུ་ཕྲུག་གིས་དོན་རྐྱེན་ཕུད་སྐབས་ཀྲུང་གོའི་ཕ་མས་བུ་ཕྲུག་འགྲམ་དུ་འབོད་ནས་ དོན་རྐྱེན་དེ་ཁྱོད་ཀྱིས་བཟོས་པ་ཨེ་ཡིན་ཞེས་འདྲི་ལ། བུ་ཕྲུག་གིས་ཡིན་ཞེས་ཁས་ལེན་བྱས་ཚེ། ཕ་མ་ཚོས་ཁྱོད་ཀྱིས་ཅིས་ཕྱིར་འདི་འདྲ་བྱས་པ་ཡིན།མགྱོག་པོར་གཞན་ལ་དགོངས་དག་ཞུས་ཞེས་བུ་ཕྲུག་གཏོང་ཞོར་ལ་ཡང་སོང་སྟེ་ལས་བྱ་དང་རྩོམ་ཡིག་ཕྲིས་ཞེས་བུ་ཕྲུག་གཏོང་བ་རེད།   རང་ཉིད་རྗེས་སུ་འདུག་སྟེ་གཞན་པར་དགོངས་དག་ཞུ་བ་དང་ཞིབ་དཔྱོད་བྱེད་རོགས་བྱེད་པ།    དོན་རྐྱེན་ལམ་འཇོག་བྱེད་པ་སོགས་ཀྱི་དཀའ་ངལ་ཡོད་ཚད་རང་སྟེང་དུ་ལེན་པ་ལས་བུ་ཕྲུག་ལ་རང་གིས་བཟོས་པའི་དོན་་རྐྱེན་ལ་འགན་ཁུར་དུ་འཇུག་པའི་འདུ་ཤེས་རྩ་བ་ནས་མེད་པ་རེད།   དེས་དབང་གིས་བུ་ཕྲུག་གི་སེམས་སུ་ཆུང་དུས་ནས་དོན་དག་ལ་འགན་ཁུར་བའི་འདུ་ཤེས་མེད་ ལ་དོན་རྐྱེན་ཅི་ཞིག་བྱུང་ཡང་རང་གི་རྒྱབ་ཏུ་ཕ་མ་ཞེས་པ་ཞིག་ཡོད་པར་འདོད་པ་རེད།       དེས་ལུས་སེམས་གཉིས་ལག་ཆགས་བཞིན་པའི་བྱིས་པའི་མི་ཚེའི་ཁྲོད་དུ་གསུབ་དཀའ་བའི་སྟོང་ཆ་ཞིག་བཞག་ཡོད་ལ་དེ་ནི་འགན་ཁུར་གྱི་བསམ་བློ་མེད་པ་དེ་རེད།                རླུང་གིས་བསྒྱུར།


རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-11-05 བལྟ་ཀློག (468)
དྲ་ངོས་བལྟ་ཀློག་གྲངས་ཀ
201247
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  0837-2495330 13548388131 QQ:136754599    Emial:pengcuo2001@yahoo.com.cn 136754599@QQ.com
འདི་གའི་པར་དབང་ངེད་ལོ་རྟ་ལྟེ་གནས་སློབ་ཆུང་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13018962号