༺ ལོ་རྟ་ལྟེ་གནས་སློབ་ཆུང་གི་དྲ་བར་ཕེབས་པར་དགའ་བསུ་ཞུ ༻ དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 20 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།   
སྣ་འཛོམས།
གསར་འགྱུར།
སློབ་གསོ།
རྩོམ་རིགས།
   གཙོ་ངོས།» སྣ་འཛོམས།» སློབ་གསོའི་གླེང་སྟེགས། »བོད་སྐད་ཡིག་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ཐོལ་བུ།
སློབ་གསོའི་གླེང་སྟེགས།

  ཁྱིམ་མིས་རྟག་པར་བྱིས་པའི་འགན་ཁུར་གྱི་བསམ་བློ་གཞོམ་བཞིན་ཡོད།
  ཐེ་ཝན་གྱི་སློབ་གཙོ་ཞིག་གི་གཏམ་བཤད།
  སྐད་ཡིག་ཅིག་གི་དར་རྒུད་ནི་ཐད་ཀར་མི་རིགས་དེའི་དར་རྒུད་དང་འབྲེལ་བ་དམ་པོ་ཡོད།
  བོད་སྐད་ཡིག་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ཐོལ་བུ།

སྣ་འཛོམས།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས།
མེ་ཏོག་སེར་ཆེན།
རྩོམ་རིག་དགའ་ཚལ།
སློབ་རའི་གསར་འགྱུར།
སློབ་ཁྲིད་རྒྱུ་ཆ།
སློབ་གསོའི་གླེང་སྟེགས།
བྱིས་པའི་འཇུག་ངོགས།
བརྩམས་ཆོས་གསར་བ།
  ༢༠༡༢༡༠༡༥པར་ངོས་ཁ
  ༢༠༡༢༡༠༡༥པར་ངོས་ཀ
  ༢༠༡༢༠༩༡༥པར་ངོས་ཁ
  ༢༠༡༢༠༩༡༥པར་ངོས་ཀ
  ༢༠༡༢༠༦༡༥པར་ངོས་ཁ
  ༢༠༡༢༠༦༡༥པར་ངོས་ཀ
  ནམ་མཁའི་སྐར་མ།
  ཐུན་སྒྲིལ་གྱི་རང་སྒྲ།
  གསོན་ཉམས་ལྡན་པའི་ཕ་ཡུལ།
  རྨི་ལམ་ནང་གི་ཡུམ་ཆེན།
  དྲིན་ཆེན་མ་ལོ༼གླུ་ཚིག༽
  བློ་གྲོས་ཀྱིས་བཏུལ་བ།
  རི་བོང་ཅལ་འདྲོགས།
  རུས་སྦལ་ས་ལ་ལྷུང་བ།
བོད་སྐད་ཡིག་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ཐོལ་བུ།
རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-14 བལྟ་ཀློག (465)

རང་ རེའི་བོད་ཁུལ་ལ་མཚོན་ན་སློབ་སྔོན་སློབ་གསོའི་སྒྲིག་གཞི་མཐུས་ཚང་མིན་པ་སོགས་ ཀྱི་རྐྱེན་གྱིས་སློབ་ཆུང་གི་སློབ་གསོ་ནི་ཤིན་ཏུ་གལ་ཆེ་བའི་གནད་ཅིག་ཏུ་གྱུར་ ཡོད། དེར་བརྟེན་ཕྲན་གྱིས་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་འགའ་འབྲི་ བར་བྱ།

དང་པོ།སློབ་ཁྲིད་ཐབས་ལམ་ནི་སློབ་ཆུང་སྐད་ཡིག་གི་རྨང་གཞི་ལེགས་བསྐྲུན་བྱེད་པའི་གནད་འགག་ཡིན།

དེས་ ན་དོན་དངོས་ཀྱི་གནས་ཚུལ་འདི་ཇི་ལྟར་བྱས་ནས་ཐག་གཅོད་བྱེད་དགོས་ཤེ་ན། དེ་ལ་ཐོག་མར་ཁྱིམ་བདག་གིས་བྱིས་པའི་གཏམ་བརྗོད་ཀྱི་ནུས་པ་གསོ་དགོས་པའི་གལ་ ཆེའི་རང་བཞིན་ལ་ངོས་འཛིན་ཡང་དག་ཡོད་པར་བྱས་ཏེ་ནད་བསྟུན་གྱི་སྨན་ལྟར་དེའི་ ཕྱོགས་ལ་འབད་པ་བྱེད་དགོས༼ཐབས་འདི་སྤྱོད་པར་དཀའ་ཁག་དེ་བས་ཆེ་སྙམས།༽།དེ་རྗེས་ དགེ་རྒན་གྱིས་སློབ་གྲྭར་ཞུགས་མ་ཐག་པའི་སློབ་མའི་སྐད་ཡིག་སློབ་ཁྲིད་ཀྱི་འཆར་ གཞི་ཞིབ་ཚགས་ཀྱིས་འགོད་པ།སློབ་ཁྲིད་གོ་རིམ་དུ་གསལ་བྱེད་ཀྱི་ཀློག་ཁྲིད་གཙོ་ གནད་དུ་འཛིན་དགོས་ལ་དེའི་གོ་རིམ་དུ་སྒྲ་ཟོལ་གྱི་ལྕི་ཡང་།དབུགས་ཀྱི་གྲུམ་ ལྷོད།སྒྲ་གནས་ཀྱི་ཁྱད་པར་སོགས་རྟགས་འཇུག་གི་གཞུང་བཞིན་ཡང་དང་བསྐྱར་གྱིས་མང་ དུ་ཁྲིད་རྒྱུ་ཤིན་ཏུ་ གལ་ཆེ།དུས་མཚུངས་སུ་བྲིས་ཁྲིད་ལའང་ཤུགས་སྣོན་དང་དོ་སྣང་ཆེན་པོ་བྱེད་དགོས། འདི་ལྟར་ལོ་རིམ་དམའ་བའི་༼ལོ་རིམ་དང་པོའི་སྐབས།༽སློབ་མ་ལ་ཀློག་ཡང་དག་པ་ཞིག་ གི་རྨང་གཞི་འཇོག་ཐུབ་པར་བྱེད་དགོས།ལོ་རིམ་གཉིས་པ་དང་གསུམ་པ་ནས་མིང་ཚིག་ སློབ་ཁྲིད་གཙོ་གནད་དུ་འཛིན་དགོས་ལ་དེའི་གོ་རིམ་དུ་མིང་ཚིག་རེ་རེའི་གོ་དོན་ བློར་འཛིན་དུ་འཇུག་དགོས་ཤིང་རིགས་མཐུན་མིང་ཚིག་དང་ལྡོག་ཟླའི་མིང་ཚིག དོན་མཚུངས་མིང་ཚིག་སོགས་དབྱེ་བ་ལྡན་པའི་སྒོ་ནས་ནན་ནན་ཏན་ཏན་དང་གཟབ་གཟབ་ རྒྱས་རྒྱས་ཀྱིས་ཁྲིད་དགོས།ལོ་

རིམ་ བཞི་བ་ནས་ཚིག་གི་སློབ་ཁྲིད་གཙོ་གནད་དུ་འཛིན་དགོས་ཏེ།སློབ་དེབ་ནང་གི་མིང་ ཚིག་དང་སློབ་མར་རྒྱུས་མངའ་ཆེ་བའི་ཁོར་ཡུག་གི་བཅའ་དངོས་ཀྱི་མིང་སོགས་སྤྱད་ དེ་ཚིག་མིང་པོ་སྒྲིག་ཏུ་འཇུག་དགོས།ལོ་རིམ་ལྔ་བ་ནས་ཉིན་ཐོ་དང་ཉེར་སྤྱོད་ཡིག་ རིགས་སོགས་འབྲི་བ་བསླབ་གནད་དུ་འཛིན་དགོས།དེ་ནི་ལོ་སྔོན་མ་དག་གི་ཀློག་དང་ མིང་།ཚིག་སོགས་མཉམ་བསྡུས་ཀྱིས་སྤྱོད་ཐུབ་པའི་ནུས་པ་གསོ་བའི་གོ་རིམ་གལ་ཆེན་ ཞིག་ཡིན།ལོ་རིམ་དྲུག་པ་ནས་རྩོམ་ཡིག་འབྲི་བ་སྲོག་ཤིང་དུ་འཛིན་དགོས་ལ་གཙོ་བོ་ ཇི་བཞིན་བརྗོད་པའི་རྩོམ་ཡིག་ནས་འགོ་འཛིན་དགོས།བྱ་དངོས་ཀྱི་རྣམ་པ་བརྗོད་པ་ དང་མི་སྣ་གཙོ་བོར་བརྗོད་པ།ཁོར་ཡུག་གི་རྣམ་པ་བརྗོད་པ་སོགས་ཇི་བཞིན་བརྗོད་ པའི་རྩོམ་ཡིག་འབྲི་སྦྱོང་གི་གོ་རིམ་ནས་སློབ་མའི་རྟོགས་བཏག་གི་བསམ་བློ་དང་ དབྱེ་ཞིབ་ཀྱི་ནུས་པ་སོགས་གསོ་སྐྱོངས་དང་འདོན་སྤེལ་བྱེད་དགོས།ཡང་ གཅིག་བཤད་ན་ཐོག་མའི་ཀློག་ཁྲིད་ནི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བའི་རྨང་ གཞི་ཡིན་པས་དུས་རིམ་དེའི་སློབ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་ཐབས་ལམ་གནད་དུ་ ཁེལ་རྒྱུ་ནི་ཤིན་ཏུ་གལ་ཆེ།

གསུམ་པ།བརྡ་སྤྲོད་སློབ་ཚན་ལ་ཤུགས་སྣོན་བྱེད་ནས་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བ།

ལོ་ རིམ་གསུམ་པ་ཙམ་ནས་སློབ་དེབ་དུ་ཡོད་པའི་བརྡ་སྤྲོད་སློབ་ཚན་སློབ་ཁྲིད་གཙོ་ གནད་དུ་འཛིན་དགོས་ལ་དེ་ནི་སྐད་ཡིག་གི་ཆུ་ཚད་ཡར་རྒྱས་འབྱུང་བའི་རྨང་གཞི་ཡིན། གོ་རིམ་དེའི་ཁྲོད་དུ་དགེ་རྒན་གྱིས་ལོ་ཆུང་སློབ་མའི་ལོ་ན་དང་སེམས་ཁམས་ཀྱི་ ཆུ་ཚད་ལ་གཞིགས་ཏེ་རྒྱས་བསྡུས་རན་པའི་སྒོ་ནས་ཕྲད་ཀྱི་ཐོབ་ཐང་དང་སྦྱོར་ཚུལ་ སོགས་ལེགས་པོར་ཁྲིད་པ་དེ་ཤིན་ཏུ་གལ་ཆེ།དཔེར་ན་ངའི་ལས་ཀའི་གོ་རིམ་དུ་སློབ་མ་ མང་ཆེ་བ་ཞིག་ལ་མིང་དང་ཚིག་གིས་ཤིན་ཏུ་ཕྱུག་ནའང་བརྡ་སྤྲོད་ཀྱི་ཆུ་ཚད་ཞན་པས་ བརྗོད་པ་ལེགས་པོ་ཞིག་འབྱུང་གི་མེད་པ་ལྟ་བུ་རེད།

བཞི་ བ། སློབ་ཕྱིའི་དཔེ་དེབ་བལྟ་ཀློག་བྱེད་པ་དང་སྤྱི་ཚོགས་ཀྱི་སྲོལ་རྒྱུན་བྱེད་སྒོ་ སྣ་ཚོགས་ལ་ཞུགས་པ་གཉིས་ཟུང་འབྲེལ་གྱིས་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ དགོས།

ལོ་རིམ་གསུམ་པ་ཙམ་ནས་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་ཆ་གཡར་ཀློག་བྱེད་པའི་གོམ་གཤིས་གསོ་བ་གཙོ་གནད་དུ་འཛིན་དགོས།དེས་གོ་རིམ་དུ་སློབ་

མའི་ སློབ་དེབ་ཁོ་ན་ལས་སྦྱང་བའི་མིང་ཚིག་ལས་འདས་པའི་ཤེས་བྱ་མང་པོ་རྒྱུད་དུ་ཆགས་ ཐུབ་པ་མ་ཟད་དེའི་ཕྱོགས་ལ་སེམས་ཁུར་རམ་དོ་སྣང་བྱེད་པའི་འདུ་ཤེས་ཤིག་རང་བཞིན་ གྱིས་ཆགས་སྲིད།དུས་མཚུངས་སུ་དག་ཡིག་ཀློག་པ་དང་བརྡ་སྤྲོད་སོགས་ཀྱི་ཕྱོགས་ ལའང་རང་བཞིན་གྱིས་དོ་སྣང་འབྱུང་སྲིད།  བརྒྱུད་རིམ་དེའི་ཁྲོད་ དུ་སྐད་ཡིག་དགེ་རྒན་གྱིས་མཛུབ་སྟོན་དང་སྐུལ་མ། བསྟོད་བསྔགས་སོགས་འབྲལ་མེད་དུ་ཡོད་དགོས།འདི་ལྟར་ལོ་རིམ་འབྲིང་བ་ནས་རིམ་ གྱིས་ལོ་རིམ་མཐོན་པོར་སླེབས་ཚེ་སློབ་མའི་རྒྱུད་ལ་རང་བཞིན་གྱིས་མིང་ཚིག་ གྲངས་མེད་ཅིག་གི་གོ་དོན་དང་སྤྱོད་ཚུལ་སོགས་ཀྱི་རྨང་གཞི་ལེགས་པོ་ཞིག་ཆགས་ ཡོང་པར་ཐེ་ཚོམ་བྲལ།

གཞན་ ཡང་སློབ་གསེང་ངམ་དབྱར་དགུན་གྱི་ངལ་གསོའི་དུས་སུ་ཁྲིམས་མཐུན་གྱི་སྤྱི་ཚོགས་ ཀྱི་སྲོལ་རྒྱུན་བྱེད་སྒོ་གང་མང་ལ་ཞུགས་ཚེ་གཟུགས་མེད་ཀྱི་སྒོ་ནས་སློབ་མའི་ སེམས་གཤིས་དང་སྐད་ཡིག་གི་འདུ་ཤེས་སོགས་ཀྱི་ཕྱོགས་ལ་ནུས་པ་ཆེན་པོ་ཞིག་འཇོག་ ནུས། གཅིག་ནས་སློབ་མའི་ཚོགས་སྤྱིའི་འདུ་ཤེས་གསོ་བར་ཕན་ནུས་ཐོན་པ།གཉིས་ནས་མི་ རིགས་དེའི་ཡུལ་སྲོལ་དང་དེའི་ཕྱོགས་ཀྱི་མིང་ཚིག་མང་པོ་ཞིག་རང་བཞིན་གྱིས་ རྒྱུད་ལ་ཆགས་ཐུབ་པ།གསུམ་ནས་སློབ་མའི་གཏམ་བརྗོད་ཀྱི་ནུས་པ་བླ་ལྷག་གིས་གསོ་ ཐུབ་པ།དེར་བརྟེན་སློབ་ཕྱིའི་དཔེ་དེབ་ཀློག་འདོན་དང་སྤྱི་ཚོགས་ཀྱི་སྲོལ་ རྒྱུན་བྱེད་སྒོ་འདྲ་མིན་ལ་ཞུགས་པ་ གཉིས་ཟུང་འབྲེལ་གྱིས་སློབ་མའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བར་ནུས་པ་གལ་ ཆེན་ཞིག་ཐོན་སྲིད་སྙམས།

  མདོར་ན་བྱིས་པའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བ་དེ་ནི་སྐད་ཡིག་དགེ་རྒན་ཞིག་གི་ཆེས་ཆེ་བའི་འོས་འགན་ཡིན་ལ་རྒྱལ་ཁབ་དང་མི་རིགས་ཀྱི་རྒྱུད་འཛིན་པ་ཡང་དག་ཅིག་གསོ་སྐྱོངས་བྱེད་པའི་གནད་སྒོ་ཡང་ཡིན།མི་རིགས་ས་ཁུལ་གྱི་སློབ་ཆུང་མང་ཆེ་བ་ནི་བོད་སྐད་ཡིག་གཙོ་ཁྲིད་ཀྱི་སློབ་གྲྭ་ཡིན་པས་རྒྱའི་སྐད་ཡིག་མ་ཡིན་པའི་སློབ་ཚན་ཚང་མ་བོད་སྐད་ཡིག་གི་ལམ་ནས་ཁྲིད་བཞིན་ཡོད།དེར་བརྟེན་བོད་སྐད་ཡིག་གི་རྨང་གཞི་ལེགས་པོ་ཞིག་ཆགས་པར་བྱེད་རྒྱུ་ནི་སློབ་མ་དེ་མ་འོངས་པར་སྤྱི་ཚོགས་ཀྱི་དགོས་འདུན་དང་འཚམ་མིན་གྱི་གནད་སྒོ་ཉག་གཅིག་ཡིན་པས་དེའི་ཕྱོགས་ལ་དོ་སྣང་དང་ཐུགས་ཁུར་གནང་རྒྱུ་ཤིན་ཏུ་གལ་ཆེ་སྙམས། ཕུན་ཚོགས་ཀྱིས།


རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-14 བལྟ་ཀློག (465)
དྲ་ངོས་བལྟ་ཀློག་གྲངས་ཀ
201283
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  0837-2495330 13548388131 QQ:136754599    Emial:pengcuo2001@yahoo.com.cn 136754599@QQ.com
འདི་གའི་པར་དབང་ངེད་ལོ་རྟ་ལྟེ་གནས་སློབ་ཆུང་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13018962号