སློབ་སྐབས་འདི་དགེ་རྒན་གྱི་གཏམ་བཤད་བྱ་འགུལ་སྤེལ་མགོ་ཚུགས།

ཟླ་བ་དགུ་བ་ནས་སྔར་བཞིན་སློབ་སྐབས་གསར་བའི་དགེ་རྒན་གྱི་གཏམ་བཤད་བྱ་འགུལ་སྤེལ་མགོ་ཚུགས། སློབ་མ་ཚད་ལྡན་ཞིག་བསྐྱེད་བསྲིང་བྱ་དགོས་ཚེ་ངེས་པར་དུ་དགེ་རྒན་རང་ཉིད་ཚད་ལྡན་ཞིག་ཡིན་དགོས་པ་དང་སློབ་མར་ཆུ་ཕོར་བ་གང་དགོས་ཚེ་དགེ་རྒན་ལ་ཆུ་ཟོ་བ་གང་ཡོད་དགོས་པའི་རྩ་འཛིན་ལྟར་རང་རེ་སློབ་གྲྭས་༢༠༡༠ལོན་ནས་སློབ་སྐབས་རེེར་དགེ་རྒན་རེས་དགེ་སློབ་གཉིས་ལ་ཁ་ཕྱོགས་པའི་གཏམ་ཐེངས་གཉིས་རེ་དང་།ཟླ་བ་རེར་སློབ་གསོ་དང་སློབ་ཁྲིད་སྐོར་གྱི་རྩོམ་ཡིག་རེ་འབྲི་བ།ཟླ་ཟུང་རེ་ལ་སློབ་གསོའི་སྐོར་གྱི་དཔེ་ཆ་པོད་རེ་ལ་བལྟ་བ་དང་ཟླ་མཇུག་ཏུ་དཔེ་ཀློག་མྱོང་ཚོར་བརྗེ་རེས་ཀྱི་ཚོགས་འདུ་བསྡུ་བ།གཟའ་འཁོར་རེར་སློབ་རའི་རྩིས་འཁོར་གསབ་སྦྱོང་ལ་ཞུགས་པ་བཅས་ཀྱི་སྒྲིག་གཞི་གཏན་འཁེལ་བྱས་ཡོད་པ་རེད།



རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས། 2013-10-18 བལྟ་ཀློག (1548)